One day, mama got a lot of fruit.
ཉིན་གཅིག་ཨ་མས་ནང་ལ་ཤིང་ཏོག་མང་པོ་ཞིག་འཁྱེར་ནས་ཡོང་བ་རེད།
“When can we have some fruit?” we ask.
“We will have the fruit tonight,” says mama.
ང་ཚོས་ཨ་མ་ལ། ཤིང་ཏོག་ག་དུས་བཟའ་ཆོག་གི་རེད་ཅེས་དྲིས་པར་ཨ་མས། དོ་དགོང་བཟའ་གི་ཡིན་ཞེས་ལབ་སོང་།
My brother Rahim is greedy. He tastes all the fruit. He eats a lot of it.
ངའི་ཇོ་ཇོ་རཱ་ཧིམ་ནི་འདོད་རྔམ་ཆེན་པོ་ཡོད་རེད། ཁོས་ཤིང་ཏོག་ཚང་མའི་བྲོ་བར་མྱངས་པ་མ་ཟད། ཤིང་ཏོག་མང་པོ་ཟོས་པ་རེད།
“Look at what Rahim did!” shouts my little brother.
“Rahim is naughty and selfish,” I say.
ངའི་ནུ་བོས། ལྟོས་དང་། རཱ་ཧིམ་གྱིས་ག་རེ་བྱས་འདུག་ཅེས་སྐད་བརྒྱབ། ངས། རཱ་ཧིམ་ནི་རང་འདོད་ཚ་པོ་དང་སྤྱོད་པ་ངན་པ་རེད་ཅེས་ལབ་པ་ཡིན།
Mother is angry with Rahim.
ཨ་མ་རཱ་ཧིམ་གྱི་ཐོག་ལ་རླུང་ལངས་པ་རེད།
We are also angry with Rahim. But Rahim is not sorry.
ང་ཚོ་ཡང་རཱ་ཧིམ་ལ་རླུང་ལངས་གི་འདུག དེ་འདྲ་ཡིན་ན་ཡང་རཱ་ཧིམ་ལ་ནི་འགྱོད་པ་མི་འདུག
“Aren’t you going to punish Rahim?” asks little brother.
ནུ་བོས་ཨ་མ་ལ། ཁྱེད་རང་གིས་རཱ་ཧིམ་ལ་ཉེས་པ་གཏང་གི་མིན་ནམ་ཞེས་དྲིས།
“Rahim, soon you will be sorry,” warns mama.
ཨ་མས། རཱ་ཧིམ་ཁྱེད་རང་གིས་མགྱོགས་པོར་འགྱོད་པ་སྐྱེ་གི་རེད་ཅེས་ཉེན་བརྡ་བཏང་།
Rahim starts to feel sick.
རཱ་ཧིམ་ན་རྒྱུ་འགོ་བཙུགས་པ་རེད།
“My tummy is so sore,” whispers Rahim.
རཱ་ཧིམ་གྱིས། ངའི་གྲོད་ཁོག་ན་གི་འདུག་ཅེས་སྐད་ཤུགས་དམའ་མོས་བཤད་པ་རེད།
Mama knew this would happen. The fruit is punishing Rahim!
ཨ་མས་འདི་ལྟ་བུ་ཡོང་རྒྱུ་ཡིན་པ་ཤེས་ཀྱི་ཡོད་རེད། ད་ནི་ཤིང་ཏོག་གི་ཁོར་ཉེས་པ་གཏོང་གི་ཡོད་རེད།
Later, Rahim says sorry to us. “I will never be so greedy again,” he promises.
And we all believe him.
རྗེས་སུ་རཱ་ཧིམ་གྱིས་ང་ཚོར། ད་ནི་ངས་རྩ་བ་ནས་འདོད་རྔམ་ཆེན་པ་བྱེད་ཀྱི་མིན་ཞེས་ཁས་ལེན་བྱས། ང་ཚོས་ཁོར་ཡིད་ཆེས་བྱས་པ་ཡིན།