pdf ཡིག་ཆ་ཕབ་ལེན
ཕྱིར་སྒྲུང་གི་རིའུ་མིག་ཏུ་ཕྱོགས་པ།

Tingi and the cows ཊིན་གྷི་དང་བ་མོ་དེ་ཚོ།

རྩོམ་པ་པོ། Ingrid Schechter

རི་མོ་མཁན། Ingrid Schechter

ཀློག་པ་པོ། Darshan Soni

སྐད་ཡིག དབྱིན་སྐད།

རིམ་པ། རིམ་པ་གཉིས་པ།

སྒྲུང་ཆ་ཚང་ཤོད།

སྒྲའི་མགྱོགས་ཚད།

སྒྲུང་རང་འགུལ་གྱིས་སྒྲོག་པ།


Tingi lived with his grandmother.

ཊིན་གྷི་ནི་རྨོ་རྨོ་ལགས་དང་ལྷན་དུ་བསྡད་པ་རེད།


He used to look after the cows with her.

སྔར་ཁོས་རྨོ་རྨོ་ལགས་དང་ལྷན་དུ་བ་མོ་དེ་ཚོར་རྫི་བོ་བྱེད་ཀྱི་ཡོད།


One day the soldiers came.

ཉིན་གཅིག་དམག་དཔུང་ཞིག་བསླེབས།


They took the cows away.

དམག་མི་ཚོས་བ་མོ་དེ་ཚོ་འཕྲོག་ནས་དེད་སོང་བ་རེད།


Tingi and his grandmother ran away and hid.

ཊིན་གྷི་དང་རྨོ་རྨོ་ལགས་གཉིས་ས་དེ་ནས་བྲོས་ནས་ཡིབ་པ་རེད།


They hid in the bush until night.

ཁོང་གཉིས་དགོང་མོའི་བར་དུ་ཚེར་ཤིང་གསེང་ལ་ཡིབ་ནས་བསྡད།


Then the soldiers came back.

དེ་ནས་དམག་མི་ཚོ་བསྐྱར་དུ་ཕྱིར་ཡོང་བ་རེད།


Grandmother hid Tingi under the leaves.

རྨོ་རྨོས་ཊིན་གྷི་ལོ་མའི་འོག་ལ་སྦས་པ་རེད།


One of the soldiers put his foot right on him, but he kept quiet.

དམག་མི་གཅིག་གིས་ཁོའི་སྒང་ལ་རྡོག་རྫི་བཏང་ནའང་ཁོས་སྐད་མ་བརྒྱབ།


When it was safe, Tingi and his grandmother came out.

གང་མཚམས་ཀྱི་རྗེས་སུ་ཉེན་ཁ་མེད་སྐབས་རྨོ་རྨོ་དང་ཊིན་གྷི་གཉིས་ཕྱིར་ཡོང་པ་རེད།


They crept home very quietly.

ཁོང་གཉིས་ཧ་ཅང་ཁ་ཁུ་སིམ་པོར་ཁྱིམ་ལ་ལོག་པ་རེད།


རྩོམ་པ་པོ།: Ingrid Schechter
རི་མོ་མཁན།: Ingrid Schechter
ཀློག་པ་པོ།: Darshan Soni
སྐད་ཡིག: དབྱིན་སྐད།
རིམ་པ།: རིམ་པ་གཉིས་པ།
ཁུངས།: ཡོང་ཁུངས། Tingi and the Cows ་ནི་ ཨཱ་ཕྲི་ཀའི་བྱིས་སྒྲུང་ ནས་ཡིན།
གསར་གཏོད་ཐུན་མོང་གི་ཆོག་མཆན།
བྱིས་སྒྲུང་འདི་དག་ལ་ གསར་གཏོད་ཐུན་མོང་ལ་དབང་བ། ཁྱད་ཆོས། 3.0 རྒྱལ་སྤྱིའི་ཆོག་མཆན། ་གི་བདག་དབང་ཅན་ཡིན།
གདམ་ཀ
ཕྱིར་སྒྲུང་གི་རིའུ་མིག་ཏུ་ཕྱོགས་པ། pdf ཡིག་ཆ་ཕབ་ལེན