pdf ཡིག་ཆ་ཕབ་ལེན
ཕྱིར་སྒྲུང་གི་རིའུ་མིག་ཏུ་ཕྱོགས་པ།

ལ་ཆའི་ཕྲུ་གུ ལ་ཆའི་ཕྲུ་གུ

རྩོམ་པ་པོ། Southern African Folktale

རི་མོ་མཁན། Wiehan de Jager

སྒྱུར་པ་པོ། འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen

ཀློག་པ་པོ། པད་མ་ཆོས་སྒྲོན། Pema Choedon

སྐད་ཡིག དབུས་སྐད།

རིམ་པ། རིམ་པ་གཉིས་པ།

སྒྲུང་ཆ་ཚང་ཤོད།

སྒྲའི་མགྱོགས་ཚད།

སྒྲུང་རང་འགུལ་གྱིས་སྒྲོག་པ།

སྔོན་མ་སྔོན་མ་ཞིག་ལ། ས་ཆ་ཞིག་ན་འཚོ་བ་སྐྱིད་པོར་ཡོད་པའི་ཁྱིམ་ཚང་ཞིག་ཡོད་པ་རེད།

ཁོང་ཚོས་ནང་འཛིང་རྩ་བ་ནས་བྱས་མྱོང་མེད་ལ།། ཁོང་ཚོས་ཕ་མ་གཉིས་ཀར་ནང་ལས་དང་ཞིང་ལས་ཐད་ལ་རོགས་པ་བྱས་པ་རེད།

ཡིན་ན་ཡང་། ཁོང་ཚོ་མེའི་འགྲམ་དུ་འགྲོ་ཆོག་གི་ཡོད་མ་རེད།

ལས་ཀ་ཚང་མ་མཚན་ལ་བྱས་དགོས་གི་ཡོད་རེད། གང་ཡིན་ཟེར་ན། ཁོང་ཚོའི་གཟུགས་པོ་ནི་ལ་ཆ་ཡིས་གྲུབ་ཡོད་པ་རེད།

ཡིན་ན་ཡང་། བུ་གཅིག་ནི་ཕྱིར་ཉི་མའི་ནང་ལ་འགྲོ་འདོད་ཆེན་པོ་བྱུང་།

ཉིན་གཅིག་ཁོ་རང་ལ་སེམས་ཀྱིས་མི་བཟོད་པའི་ཕྱིར་འགྲོ་འདོད་ཆེན་པོ་ཞིག་སྐྱེས། བུ་སྦུན་ཚོས་ཁོར་ཉེན་བརྡ་བཏང་བ་རེད།

ཡིན་ན་ཡང་དེ་ཕྱི་དྲག་པ་རེད། ཁོ་ནི་ཉི་མའི་དྲོད་ཀྱི་ནང་དུ་བཞུར་པ་རེད།

བུ་སྤུན་ཚོས་སོ་སོའི་སྤུན་ཞིག་བཞུར་སོང་བ་མཐོང་པས་སེམས་པ་ཧ་ཅང་སྐྱོ།

ཡིན་ན་ཡང་། ད་ཁོང་ཚོས་འཆར་གཞི་ཞིག་བཏིང་བ་རེད། ཁོང་ཚོས་བཞུས་ཟིན་པའི་ལ་ཆ་དེ་རྡོག་རྡོག་བྱས་ནས་བྱ་གཟུགས་ཤིག་བཟོས་པ་རེད།

ཁོང་ཚོས་བྱ་གཟུགས་ཀྱི་ལ་ཆ་དེ་རི་མགོར་ཁྱེར་ནས་ཕྱིན་པ་རེད།

ཞོགས་པར་ཉི་མ་ཤར་ཡོང་པའི་སྐབས། ཁོས་བྱ་སྐད་སྙན་མོ་སྒྲོག་བཞིན་ནམ་མཁར་འཕུར་ཕྱིན་པ་རེད།

རྩོམ་པ་པོ།: Southern African Folktale
རི་མོ་མཁན།: Wiehan de Jager
སྒྱུར་པ་པོ།: འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen
ཀློག་པ་པོ།: པད་མ་ཆོས་སྒྲོན། Pema Choedon
སྐད་ཡིག: དབུས་སྐད།
རིམ་པ།: རིམ་པ་གཉིས་པ།
ཁུངས།: ཡོང་ཁུངས། Children of wax ་ནི་ ཨཱ་ཕྲི་ཀའི་བྱིས་སྒྲུང་ ནས་ཡིན།
གསར་གཏོད་ཐུན་མོང་གི་ཆོག་མཆན།
བྱིས་སྒྲུང་འདི་དག་ལ་ གསར་གཏོད་ཐུན་མོང་ལ་དབང་བ། ཁྱད་ཆོས། 3.0 རྒྱལ་སྤྱིའི་ཆོག་མཆན། ་གི་བདག་དབང་ཅན་ཡིན།
གདམ་ཀ
ཕྱིར་སྒྲུང་གི་རིའུ་མིག་ཏུ་ཕྱོགས་པ། pdf ཡིག་ཆ་ཕབ་ལེན