pdf ཡིག་ཆ་ཕབ་ལེན
ཕྱིར་སྒྲུང་གི་རིའུ་མིག་ཏུ་ཕྱོགས་པ།

མཱ་གྷོ་ཛུ་ཝེ། མཱ་གྷོ་ཛུ་ཝེ།

རྩོམ་པ་པོ། Lesley Koyi

རི་མོ་མཁན། Wiehan de Jager

སྒྱུར་པ་པོ། འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen

སྐད་ཡིག ཨམ་སྐད།

རིམ་པ། རིམ་པ་ལྔ་པ།

སྒྲུང་ཆ་ཚང་ཤོད།

སྒྲའི་མགྱོགས་ཚད།

སྒྲུང་རང་འགུལ་གྱིས་སྒྲོག་པ།

འདུ་འཛུ་ཧ་ཅང་ཆེ་བའི་གྲོང་ཁྱེར་ནེ་རོ་བྷེ་ཞེས་པ་དེ་ན། ཁྱིམ་ཚང་གི་བདག་སྐྱོང་མ་རག་པའི་བྱིས་པ་ཡུལ་མེད་སྐོར་ཞིག་ཡོད་པ་རེད། ཁོང་ཚོས་ཉི་མ་རེ་རེ་དེ་ལེགས་ཉེས་གང་འདྲ་ཞིག་ཡོང་བ་ཡིན་ནའང་དེ་བསྐྱལ་ནས་འགྲོ་གི་ཡོད་ལ། ཁོང་ཚོ་རྡོ་གཅལ་གྲང་མོའི་སྟེང་ཉལ་བའི་རྗེས་ཀྱི་ཞོགས་པ་ཞིག་ལ་སོ་སོའི་ཉལ་ཆས་བསྡུ་གསོག་བརྒྱབ་པ་དང་། གྲང་ངར་ལ་གཡོལ་བའི་ཆེད་དུ་ཁོང་ཚོས་གད་སྙིགས་མེ་ལ་སྒྲོན་ནས་དྲོད་ཁོལ་རག་ཐབས་བྱས་པ་རེད། བྱིས་པ་དེ་དག་ནང་གི་གཅིག་གི་མིང་ལ་མཱ་གྷོ་ཛུ་ཝེ་ཟེར་ལ། ཁོ་རང་ལོ་ཆུང་ཤོས་དེ་ཡིན།

ཁོ་རང་གི་ཕ་མ་གཉིས་གྲོངས་སྐབས་མཱ་གྷོ་ཛུ་ཝེ་ལོ་ལྔ་ཡིན། ཁོ་རང་ཨ་ཁུའི་འགྲམ་ལ་ཕྱིན་པ་རེད། ཡིན་ནའང་། ཨ་ཁུས་ཁོ་ལ་གཅེས་སྐྱོང་མ་བྱས་པ་དང་། མཱ་གྷོ་ཛུ་ཝེ་ལ་གྲོད་ཁོག་རྒྱག་ཐུབ་པའི་ཁ་ལག་ཅིག་སྤྲོད་ཀྱི་མེད་པའི་ཁར། བྱིས་པ་དེ་ལ་ལས་ཀ་ཁག་པོ་མང་པོ་ལས་བཅུག་པ་རེད།

གལ་སྲིད་མཱ་གྷོ་ཛུ་ཝེ་ཡིས་བསམ་འཆར་བཤད་པ་དང་དྲི་བ་བཏོན་པ་ཡིན་ན་ཨ་ཁུས་ཉེས་རྡུང་གཏོང་གི་ཡོད། དེ་བཞིན་དུ། མཱ་གྷོ་ཛུ་ཝེ་ཡིས་ཁོ་རང་སློབ་གྲྭར་ཕྱིན་ན་འགྲིག་གི་རེད་དམ་ཅེས་དྲིས་ཚེ་ཨ་ཁུས་ཁོ་ལ་རྡུང་སྟེ། ཁྱོད་རང་ལྐུགས་དྲག་ནས་སློབ་སྦྱོང་ཡོང་གི་མ་རེད། ཅེས་བཤད་ཀྱི་ཡོད། ལོ་གསུམ་ལ་མནར་སྡུག་མྱངས་པའི་མཐའ་མར་མཱ་གྷོ་ཛུ་ཝེ་ཁོ་རང་གི་ཨ་ཁུས་འགྲམ་ནས་བྲོས་ཕྱིན་པ་དང་། སྲང་ལམ་ནས་འཁྱམ་ཉུལ་བྱེད་རྒྱུ་མགོ་བཙུགས་པ་རེད།

སྲང་བར་གྱི་མི་ཚེ་ནི་ཁག་པོ་ཡོད་ལ། བྱིས་པ་བུ་མང་ཤོས་ཀྱིས་ཉིན་རེའི་ཟས་ཐུན་རེ་རག་དང་མི་རག་གི་ཆེད་དུ་དཀའ་ལས་རྒྱག་གི་ཡོད། མཚམས་རེར་ཁོང་ཚོ་ཉེན་རྟོག་པས་འཛིན་གྱི་ཡོད་ལ། སྐབས་རེར་ཁོང་ཚོར་ཉེས་རྡུང་གཏོང་གི་ཡོད། ཁོང་ཚོ་ན་བ་ཡིན་ན་རོགས་བྱེད་མཁན་སུ་ཡང་མེད་ལ། བྱིས་པ་དེ་ཚོ་ནི་སོ་སོའི་སློང་མོ་དང་། གད་སྙིགས་ལས་བཏུས་པའི་འགྱིག་དམ་དང་བསྐྱར་བཟོ་བྱེད་ཆོག་པའི་སྙིགས་རོ་གཞན་དག་བཙོང་བའི་རིན་འབབ་ཉུང་ཉུང་དེ་ལ་བརྟེན་ནས་འཚོ་བ་རོལ་གྱི་ཡོད། དེ་དག་ལས་ཀྱང་མི་ཚེ་ཡི་དཀའ་ལས་ཁག་ཤོས་ནི་གྲོང་ཁྱེར་དེའི་སྤྲང་པོའི་ས་ཆ་འཕྲོག་རེས་བྱེད་མཁན་གྱི་ཡུལ་མེད་འཁྱམ་པོའི་ཚོགས་པ་གཞན་པའི་མཉམ་དུ་རྒྱག་རེས་རྒྱག་རྒྱུ་དེ་ཡིན།

ཉི་མ་གཅིག་ལ། མཱ་གྷོ་ཛུ་ཝེ་ཡིས་ཁྱིམ་ཕྱགས་ཀྱི་སྣོད་ཆས་ཤིག་སྔོག་སྐབས་དེའི་ནང་ནས་སྒྲུང་དེབ་རྙིང་རལ་ཅིག་བརྙེད་པ་རེད། ཁོས་སྒྲུང་དེབ་དེ་གད་སྙིགས་འཐུ་སའི་ཁུག་མའི་ནང་བླུགས་པ་དང་། ཉིན་དེ་ནས་བཟུང་། ཁོས་གད་སྙིགས་བཏུས་ཚར་རྗེས་སྒྲུང་དེབ་དེ་ཕྱིར་བཏོན་ཏེ་དེའི་སྟེང་གི་རི་མོ་རྣམས་ལ་ལྟ་གི་ཡོད། ཡིན་ནའང་། ཁོས་དེའི་སྟེང་གི་ཡི་གེ་ཀློག་མི་ཤེས།

སྒྲུང་དེའི་ནང་གི་རི་མོ་རྣམས་ནི་བྱིས་པ་བུ་ཞིག་ནར་སོན་རྗེས་གནམ་གྲུ་ཁ་ལོ་བ་ཞིག་ཆགས་པའི་སྐོར་ཡིན། མཱ་གྷོ་ཛུ་ཝེ་ཡིས་ཁོ་རང་གནམ་གྲུའི་ཁ་ལོ་བ་ཞིག་ཡིན་ན་ཅི་མ་རུང་སྙམ་ནས་སྟོང་འདང་བརྒྱབ་པ་རེད། མཚམས་རེར། ཁོས་རང་ཉིད་ནི་སྒྲུང་དེའི་ནང་གི་བྱིས་པ་བུ་དེ་ཡིན་པའི་བློ་བཟོ་བྱས་པ་རེད།

གནམ་གཤིས་ཧ་ཅང་གྲང་མོ་ཡོད་ལ། མཱ་གྷོ་ཛུ་ཝེ་ཡིས་ལམ་འགྲམ་ཞིག་ཏུ་སློང་མོ་རྒྱག་གི་ཡོད། མི་ཞིག་ཁོའི་འགྲམ་ལ་ཡོང་བ་རེད། “ཧེ་ལོ། ང་ཐོ་མ་སི་ཡིན། ངས་ཉེ་འཁྲིས་འདི་ན་ལས་ཀ་ལས་ཀྱི་ཡོད་ལ། དེ་ནས་ཁྱོད་ལ་ཟ་མ་རེ་རག་གི་རེད།” ཅེས་བཤད་པ་དང་། ཐོག་ཁེབ་སྔོན་པོ་ཅན་གྱི་ཁང་བ་སེར་པོ་ཞིག་ལ་མཛུབ་མོ་བཙུགས་ནས་བསྟན་པ་རེད། “ངའི་རེ་བ་ཡིན་ན་ཁྱོད་རང་ཁང་བ་དེའི་ནང་ཕྱིན་ཏེ་ཟ་མ་བསླང་ན་ཡག་པོ་འདུག ཁྱོད་རང་འགྲོ་གི་ཡིན་ནམ།” ཞེས་དྲིས། མཱ་གྷོ་ཛུ་ཝེ་ཡིས་མི་དེ་ལ་ཅིག་བལྟས། ཁང་བ་དེ་ལ་ཅིག་བལྟས། “གཅིག་བྱས་ན།” ཞེས་བཤད་དེ་ཕར་ཕྱིན་པ་རེད།

དེའི་རྗེས་ཀྱི་ཟླ་ཤས་རིང་ལ། ཡུལ་མེད་པའི་བུ་ཆུང་དེས་ནམ་རྒྱུན་ས་དེ་ནས་ཐོ་མ་སི་མཐོང་གི་ཡོད། ཁོང་ནི་མི་ལ་ཁ་བརྡ་བྱེད་རྒྱུར་དགའ་བོ་ཡོད་ལ། ལྷག་པར་དུ་སྲང་བར་ན་ལྷག་པའི་མི་རྣམས་ལ་ཁ་བརྡ་བྱེད་རྒྱུར་དགའ་བོ་ཡོད་མཁན་ཞིག་རེད། ཐོ་མ་སི་ཡིས་མི་གཞན་གྱི་མི་ཚེ་སྒྲུང་ལ་ཉན་གི་ཡོད་ལ། ཁོང་ནི་ངང་རྒྱུད་རིང་པོ་དང་གཟབ་ནན་ཆེ་བ། གུས་བརྩི་ཡོད་མཁན་དང་ཁྱད་གསོད་མི་བྱེད་མཁན་ཞིག་ཡིན་པ་རེད། བྱིས་པ་བུ་དེ་དག་གི་སྐོར་ཞིག་ནི་ཁང་པ་སེར་པོ་ཐོག་ཁེབ་སྔོན་པོ་ཅན་དེའི་ནང་དུ་ཕྱིན་ཏེ་ཉིན་གུང་གི་ཟ་མ་ལེན་རྒྱུ་མགོ་བཙུགས་པ་རེད།

ཐོ་མ་སི་ཡོང་སྟེ་ཁོ་རང་གི་འཁྲིས་ནས་སྡོད་སྐབས། མཱ་གྷོ་ཛུ་ཝེ་ཡིས་ཁོ་རང་གི་སྒྲུང་དེབ་རྙིང་པ་དེ་ཁ་ཕྱེ་ནས་ནང་ལ་ལྟ་གི་ཡོད་པ་རེད། ཐོ་མ་སིས་སྒྲུང་འདི་ཅི་ཞིག་གི་སྐོར་རེད་ཅེས་དྲིས་པ་དང་། མཱ་གྷོ་ཛུ་ཝེ་ཡིས། སྒྲུང་འདི་ནི་བྱིས་པ་བུ་ཞིག་གནམ་གྲུའི་ཁ་ལོ་བ་ཆགས་པའི་སྐོར་རེད་ཅེས་ལན་བཏབ། དེ་ནས་ཐོ་མ་སིས། བུ་དེའི་མིང་ལ་ཅི་ཟེར་བ་རེད་ཅེས་དྲིས་པར། མཱ་གྷོ་ཛུ་ཝེ་ཡིས། དེ་ངས་མི་ཤེས། གང་ཡིན་ཅེ་ན་ངས་ཡི་གེ་ཀློག་མི་ཤེས་ཞེས་བཤད་པ་རེད།

ཁོང་གཉིས་ཐུག་སྐབས། མཱ་གྷོ་ཛུ་ཝེ་ཡིས་ཐོ་མ་སི་ལ་ཁོ་རང་གི་སྒྲུང་བཤད་པ་རེད། སྒྲུང་དེའང་ཁོ་རང་གི་ཨ་ཁུ་དང་ཁོ་རང་ཨ་ཁུའི་ཁྱིམ་ནས་ཕྱི་ལ་བྲོས་པའི་སྐོར་ཡིན། ཐོ་མ་སི་ནི་སྐད་ཆ་མང་པོ་བཤད་མཁན་ཞིག་མིན་ལ། ཁོས་མཱ་གྷོ་ཛུ་ཝེ་ལ་ག་རེ་བྱེད་དགོས་པའི་སྐོར་ཀྱང་བཤད་ཀྱི་མེད། ཁོང་གིས་གཟབ་ནན་ངང་ཉན་གྱི་ཡོད་པ་རེད། མཚམས་རེར་ཁོང་གཉིས་ཐོག་ཁེབ་སྔོན་པོ་ཅན་གྱི་ཁང་བ་དེའི་ནང་ཕྱིན་ཏེ་ཟ་མ་བཟའ་ཞོར་ཁ་བརྡ་བྱེད་ཀྱི་ཡོད།

མཱ་གྷོ་ཛུ་ཝེ་ལོ་བཅུ་ལ་སོན་པའི་སྐབས་དེར། ཐོ་མ་སི་ཡིས་ཁོ་ལ་སྒྲུང་དེབ་གསར་པ་ཞིག་སྤྲད་པ་རེད། དེབ་དེའི་ནང་གི་སྒྲུང་ནི་གྲོང་གསེབ་ཅིག་གི་བུ་ཞིག་ནར་སོན་རྗེས་སྐད་གྲགས་ཆེ་བའི་རྐང་སྤོལ་རྩེས་མཁན་ཞིག་ཏུ་གྱུར་བའི་སྐོར་ཡིན་པ་རེད། ཐོ་མ་སི་ཡིས་སྒྲུང་དེ་ཐེངས་མང་པོར་མཱ་གྷོ་ཛུ་ཝེེ་ལ་བཀླགས་པ་དང་། ཉིན་ཞིག་ལ་ཁོང་གིས་མཱ་གྷོ་ཛུ་ཝེ་ལ། ད་ནི་ངས་བསམ་ན་ཁྱོད་རང་སློབ་གྲྭར་ཕྱིན་ཏེ་ཡི་གེ་སྦྱོང་རན་རེད། ཁྱོད་ཀྱིས་བསམ་ན་གང་འདྲ་འདུག་ཅེས་དྲིས། ཐོ་མ་སི་ཡིས་ད་དུང་ཁོང་གིས་བྱིས་པ་རྣམས་སྡོད་ཆོག་པ་དང་སློབ་སྦྱོང་བྱེད་སའི་ས་ཆ་ཞིག་ཤེས་ཀྱི་ཡོད་ཅེས་བཤད་པ་རེད།

མཱ་གྷོ་ཛུ་ཝེ་ཡིས་ས་ཆ་གསར་པ་དེ་དང་སློབ་གྲྭར་འགྲོ་བའི་སྐོར་ལ་བསམ་བློ་བཏང་བ་རེད། ཁོ་རང་གི་ཨ་ཁུས་བཤད་པ་ལྟར། ཁོ་རང་དངོས་གནས་སློབ་སྦྱོང་བྱེད་པར་ལྐུགས་དྲག་ན་ག་རེ་བྱེད། གལ་སྲིད་ས་ཆ་གསར་པ་དེ་ནས་གཞན་གྱིས་ཁོ་ལ་རྡུང་ན་ག་རེ་བྱེད། ཁོ་རང་ཞེད་སྣང་སྐྱེས། “གཅིག་བྱས་ན་སྲང་ལམ་ནས་སྡོད་པ་དེས་ཡག་ས་རེད།” ཅེས་ཁོས་བཤད་པ་རེད།

ཁོས་རང་གི་སེམས་ཁྲལ་གྱི་སྐོར་ཐོ་མ་སི་ལ་བཤད་པ་རེད། ག་ལེར་བྱས་ནས་ཐོ་མ་སི་ཡིས་ཁོ་ལ་ས་ཆ་གསར་པ་དེར་འགྲོ་རྒྱུ་ནི་གདམ་ག་ཡག་ཤོས་དེ་ཡིན་པ་ཧ་གོ་བཅུག་པ་རེད།

དེ་ལྟར། མཱ་གྷོ་ཛུ་ཝེ་ཁང་པ་ལྗང་ཁུ་ཞིག་གི་ནང་དུ་སྤར་བ་དང་། རོགས་པ་བུ་གཞན་པ་གཉིས་དང་མཉམ་དུ་ཉལ་ཁང་གཅིག་གི་ནང་དུ་བསྡད་པ་རེད། ཁང་བ་དེའི་ནང་དུ་ཁྱོན་སྡོམ་བྱིས་པ་བཅུ་ཡོད་ལ། ཁོང་ཚོའི་མཉམ་དུ་ཨ་ནེ་སི་སེ་དང་མོ་རང་གི་ཁྱོ་ག ཁྱི་གསུམ། ཞི་མི་གཅིག ར་མ་གཅིག་བཅས་ཡོད་པ་རེད།

མཱ་གྷོ་ཛུ་ཝེ་ཡིས་སློབ་སྦྱོང་གི་མགོ་བཙུགས་ནའང་། དེ་དཀའ་ལས་ཁག་པོ་བྱུང་བ་རེད། སློབ་སྦྱོང་གི་རྗེས་ཟིན་པ་ལ་ཁོས་མང་པོ་སྦྱོང་དགོས་འཁེལ་བ་རེད། མཚམས་རེར་ཁོས་སློབ་སྦྱོང་མཚམས་འཇོག་དགོས་ཀྱང་བསམ་པ་རེད། ཡིན་ནའང་། ཁོས་སྒྲུང་དེབ་ནང་གི་གནམ་གྲུ་ཁ་ལོ་བ་དང་རྐང་སྤོལ་རྩེས་མཁན་བུ་དེ་གཉིས་སེམས་ལ་དྲན་པ་རེད། ཁོང་གཉིས་ལྟར་དུ། ཁོས་མཚམས་མ་བཞག་པ་རེད།

ཉིན་ཞིག་མཱ་གྷོ་ཛུ་ཝེ་ཡིས་ཁང་པ་ལྗང་ཁུ་དེའི་ར་སྐོར་ནང་བསྡད་དེ་སྒྲུང་ཞིག་ཀློག་གིན་ཡོད་ལ། སྐབས་དེར་ཐོ་མ་སི་ཡོང་སྟེ་འགྲམ་ནས་བསྡད་དེ། སྒྲུང་འདི་ཅི་ཞིག་གི་སྐོར་རེད་ཅེས་དྲིས་པ་རེད། མཱ་གྷོ་ཛུ་ཝེ་ཡིས། སྒྲུང་འདི་ནི་བུ་ཆུང་ཞིག་དགེ་རྒན་ཆགས་པའི་སྐོར་རེད་ཅེས་བཤད། དེ་ནས་ཐོ་མ་སི་ཡིས། བུ་དེའི་མིང་ལ་ཅི་ཟེར་གི་རེད་ཅེས་དྲིས་སྐབས། མཱ་གྷོ་ཛུ་ཝེ་ཡིས་འཛུམ་སྟོན་བཞིན། ཁོང་གི་མིང་ལ་མཱ་གྷོ་ཛུ་ཝེ་ཟེར་གི་རེད་ཅེས་ལན་བཏབ་པ་རེད།

རྩོམ་པ་པོ།: Lesley Koyi
རི་མོ་མཁན།: Wiehan de Jager
སྒྱུར་པ་པོ།: འདབ་དྲུག Dabtruk, པཱཊ་རིག་ཌཱོཌ། Patrick Dowd, ཆུ་ཚང་བསོད་ནམས་རིན་ཆེན། Chusang Sonam Rinchen
སྐད་ཡིག: ཨམ་སྐད།
རིམ་པ།: རིམ་པ་ལྔ་པ།
ཁུངས།: ཡོང་ཁུངས། Magozwe ་ནི་ ཨཱ་ཕྲི་ཀའི་བྱིས་སྒྲུང་ ནས་ཡིན།
གསར་གཏོད་ཐུན་མོང་གི་ཆོག་མཆན།
བྱིས་སྒྲུང་འདི་དག་ལ་ གསར་གཏོད་ཐུན་མོང་ལ་དབང་བ། ཁྱད་ཆོས། 4.0 རྒྱལ་སྤྱིའི་ཆོག་མཆན། ་གི་བདག་དབང་ཅན་ཡིན།
རིམ་པ་ལྔ་པ། འི་སྒྲུང་ད་དུང་ཀློགས།:
གདམ་ཀ
ཕྱིར་སྒྲུང་གི་རིའུ་མིག་ཏུ་ཕྱོགས་པ། pdf ཡིག་ཆ་ཕབ་ལེན